མཚོ་སྔོན་པོའི་ཡུལ་སྐོར་དུས་ཚིགས་སླེབས་ལ་ཉེ་བའི་དུས་འདིར། ཉེ་འགྲམ་གྱི་རླངས་འཁོར་དང་ཡུལ་སྐོར་མི་སྣ་ཡང་རིམ་བཞིན་ཇེ་མང་དུ་འགྲོ་སྲིད་པས། དེ་བས། དེའི་མཐའ་སྐོར་ཀྱི་གཞུང་ལམ་སྟེང་འགྲིམ་འགྲུལ་དོན་རྐྱེན་མི་འབྱུང་བ་དང་ཡུལ་སྐོར་མི་སྣ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་འགན་སྲུང་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་བའི་གཏན་འབེབས་ལྟར། མཚོ་སྔོན་པོའི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ(སྔའི་G109ལམ་རྒྱུད་ཀྱི་མཚོ་སྐོར་ཀྱི་ལམ་མཚམས)རིག་སྨོན་ནས་ཆུ་ཆེན་ཟམ་པའི་བར་འགྲིམ་འགྲུལ་བཀག་འགོག་བྱེད་རྒྱུ་ཡིན།
༡.བཀག་སྡོམ་བྱེད་པའི་དུས་ཚོད།
༢༠༢༢ལོའི་ཟླ༤བའི་ཚེས༢༨ནས་ཟླ༡༠བའི་ཚེས༡༠ཉིན།
མཚོ་སྔོན་པོའི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ(སྔའི་G109ལམ་རྒྱུད་ཀྱི་མཚོ་སྐོར་ཀྱི་ལམ་མཚམས)རིག་སྨོན་ནས་ཆུ་ཆེན་ཟམ་པའི་བར།
༣.བཀག་སྡོམ་རླངས་འཁོར་རིགས།
དངོས་ཟོག་སྐྱེལ་འདྲེན་རླངས་འཁོར། ཉེན་ཆེའི་རྫས་འགྱུར་སྐྱེལ་འདྲེན་བྱེད་པའི་རླངས་འཁོར། བཟོ་སྐྲུན་འཕྲུལ་ཆས་རླངས་འཁོར། ཞིང་འཕྲུལ་རླངས་འཁོར། གློག་སྒུལ་རླངས་འཁོར། རོལ་རྩེད་དང་རྩལ་འགྲན་རང་བཞིན་གྱི་རླངས་འཁོར།
བཀག་འགོག་བྱེད་པའི་དུས་ཡིན་ནང་། གོང་གསལ་གྱི་འཁོར་རིགས་བཀག་སྡོམ་བྱེད་པའི་ལམ་རྒྱུད་སྟེང་བགྲོད་མི་ཆོག་པར། ངེས་པར་དུ་རིག་སྨོན་དང་། ཆུ་ཆེན་ཟམ་པའི་དངུལ་བསྡུ་ས་ཚིགས་བརྒྱུད་ནས་གུང་ཚྭ་མྱུར་བགྲོད་གཞུང་ལམ་མམ་ཡང་ན་རྒྱལ་ལམ་གསར་བའི109ལམ་ཐིག་བརྒྱུད་ནས་བསྐྱོད་དགོས།
༥. ལས་ཀའི་དགོས་མཁོའི་དབང་གིས་ངེས་པར་དུ་བཀག་སྡོམ་བྱས་བའི་ལམ་སྟེང་བསྐྱོད་དགོས་ཚེ། འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་12123ཉེར་སྤྱོད་མ་ལག་བརྒྱུད་ནས་ཟོག་འདྲེན་རླངས་འཁོར་ཤར་བགྲོད་ཨང་རྟགས་རེ་ཞུ་བྱེད་པའམ་ཡང་ན་ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་དུ་ཐོ་འགོད་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས། ཉིན་རེའི་དུས་ཚོད་22ནས་ཕྱི་ཉིན་གྱི་དུས་ཚོད5བར་བསྐྱོད་ཆོག
མཚོ་ལྷོ་ཁུལ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གློག་རྡུལ་ལྟ་འཛིན་སྒྲིག་ཆས་དང་བགྲོད་ལམ་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། བཀག་སྡོམ་བྱེད་པའི་སྒྲིག་ཁྲིམས་ལས་འགལ་བའི་ཁ་ལོ་བ་དག་ལ་བཅའ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་རྒྱུ་ཡིན།
མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ནས།
༢༠༢༢ལོའི་ཟླ༤བའི་ཚེས༡༢ཉིན།