ཉེསྔོན། གུང་ཧོ་རྫོང་རྟ་ནག་མ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་རྫོང་ཞིང་ཕྱུགས་དང་རྒྱལ་ཁབ་ས་ཁོངས། གྲོང་ཁྱེར་དོ་དམ་སོགས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ཤིང་། རྟ་ནག་མའི་ཁོར་ཡུག་གནད་དོན་བཅོས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་མཛུབ་སྟོན་འོག སྒྲིག་འགལ་འཛུགས་སྐྲུན་གནས5བཤིག་དགོས་པའི་བརྡ་བཏང་།
བཅོས་སྐྱོང་བྱེད་སྐབས།སྒྲིག་འགལ་འཛུགས་སྐྲུན་དང་འབྲེལ་བ་མེད་པའི་མི་ཕྱིར་འགྲོ་རུ་བཅུག་རྗེས། བྱ་བའི་ཚོ་ཆུང་གིས་སྒྲིག་འགལ་འཛུགས་སྐྲུན་ལ་ཞིབ་བཤེར་བྱས་ནས་བདེ་འཇགས་ཡིན་པ་གཏན་འཁེལ་བྱས་རྗེས། ལག་བསྟར་མི་སྣས་ཡུལ་དངོས་ཀྱི་འཛུགས་སྐྲུན་མེད་པར་བཟོས།ཐེངས་འདིའི་བྱ་འགུལ་ཁྲོད།སྡོམས་པས་མི101 དང་། ས་རྐོ་འཕྲུལ་ཆས 1 ། འགེལ་འཁོར2བཅས་སོང་།
མིག་སྔའི་བར །བསྡོམས་པས་སྒྲིག་འགལ་འཛུགས་སྐྲུན་གནས5བཤིག་པ་དེར་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ6496.68 ཡོད། སྒྲིག་འགལ་གྱིས་ས་ཁོངས་བེད་སྤྱོད་བྱས་ནས་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ལ་དག་ཐེར་་ནན་མོ་བཏང་སྟེ། བཅོས་སྐྱོང་བྱ་བ་མུ་མཐུད་དུ་གོ་རིམ་ལྡན་པའི་སྒོ་ནས་རྒྱུན་འཁྱོངས་བྱེད་བཞིན་པའི་སྒང་རེད།།
|